08/04/22: Press Release-MoH

The Ministry of Health would like to inform the general public of the demise of a 80 years old female with COVID-19 at the RIGSS Isolation Hospital, Phuntsholing this morning. The deceased was fully vaccinated and presented with fever and loss of appetite for 2 weeks with urinary tract infection. She caught COVID and developed respiratory symptoms and had low oxygen saturation after which she was managed for severe COVID pneumonia. Despite the treatment, her conditions continued to deteriorate and she succumbed to the illness.From a total of 37,049 confirmed COVID-19 cases since 5th March 2020, this is the 13th death in the country.The Ministry would like to convey our heartfelt condolences to the bereaved family.

གནས་ཚུལ་གསར་བཏོན། སྤྱི་ཚེས་ ༧/༤/༢༠༢༢གསོ་བའི་ལྷན་ཁག་གིས་ མི་མང་ལུ་ ད་རུང་ ད་ས་དྲོ་པ་ ཕུན་ཚོགས་གླིང་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་གི་ཟུར་བཞག་སྨན་ཁང་ནང་ སྐྱེས་ལོ་ ༨༠ འབད་མི་ཨམ་སྲུ་གཅིག་ ཀོ་ཝིཌ་-༡༩ ལས་བརྟེན་ ཚེ་ལས་འདས་ཡོད་པའི་ གནས་ཚུལ་གསར་བཏོན་འབདཝ་ཨིན། ཚེ་འདས་དེ་ སྨན་ཁབ་ཐུན་ཚད་ཚུ་ ཆ་ཚང་སྦེ་བཙུགས་ཡོདཔ་དང་ དྲོད་འབར་རྐྱབ་སྟེ་ བདུན་ཕྲག་ ༢ དེ་ཅིག་གི་རིང་ ཟ་ཁམས་ཡང་བཀག་ཡོད་མི་དང་འབྲེལ་ ཆབ་གསང་བསྡུསཔ་དང་འབྲེལ་བའི་དཀའ་ངལ་ཚུ་ཐོན་ཡོདཔ་སྦེ་ཨིན་པས། དེ་ལས་ ཀོ་ཝིཌ་ཐོབ་མི་ལས་བརྟེན་ དབུགས་གཏོང་ལེན་གྱི་དཀའ་ངལ་དང་ གཟུགས་ཁར་སྲོག་རླུང་མ་ལང་པའི་དཀའ་ངལ་ཚུ་ཡང་ཐོན་པའི་ཤུལ་ལུ་ ཀོ་ཝིཌ་དང་འབྲེལ་བའི་གློ་བའི་ཚ་ནད་ཀྱི་སྨན་བཅོས་འཛིན་སྐྱོང་ཚུ་འབད་ཡོདཔ་ཨིན་པས། ཚེ་འདས་ལུ་ སྨན་བཅོས་འཛིན་སྐྱོང་ཚུ་ལེགས་ཤོམ་སྦེ་ར་འབད་ཡོད་རུང་ འཕྲོད་ཁམས་སྐྱོ་སུ་ཅིག་ལུ་འགྱོ་སྟེ་ ཚེ་ལས་འདས་ཡོདཔ་ཨིན་པས།རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༥ ལས་འགོ་བཙུགས་ ད་ཚུན་འབདཝ་ད་ ཀོ་ཝིཌ་-༡༩ ཐོབ་མི་ཡོངས་བསྡོམས་ ༣༧,༠༤༩ ཐོ་བཀོད་འབད་ཡོད་ས་ལས་ ད་རིས་ཀྱི་རྐྱེན་ངན་དེ་ ཐེངས་ ༡༣ པ་ཨིན། གསོ་བའི་ལྷན་ཁག་དང་ གསོ་བའི་ལས་བྱེདཔ་ཡོངས་ཀྱིས་ མྱ་ངན་ཕོག་སྟེ་ཡོད་མི་བཟའ་ཚང་ལུ་ སེམས་ཀྱི་ཧིང་ལས་ར་མྱ་ངན་གྱི་སེམས་གསོ་ཞུཝ་ཨིན།

Related Posts

09/05/22: 𝐏𝐫𝐞𝐬𝐬 𝐑𝐞𝐥𝐞𝐚𝐬𝐞 𝐅𝐮𝐫𝐭𝐡𝐞𝐫 𝐫𝐞𝐥𝐚𝐱𝐚𝐭𝐢𝐨𝐧 𝐨𝐟 𝐂𝐎𝐕𝐈𝐃-𝟏𝟗 𝐦𝐞𝐚𝐬𝐮𝐫𝐞𝐬.

Under the constant guidance of His Majesty The King, our COVID-19 pandemic responses averted aRead More

13/04/22: Regulatory Notification on use on COVID-19 antigen self-test kits-Drug Regulatory Authority

Regulatory Notification on Requirement of Emergency Use Authorization (EUA) for Import, Sale and Distribution ofRead More

08/04/22: Public Appeal-MoH

The Ministry of Health has observed that many individuals who are suffering from shortness ofRead More

Comments are Closed

Information on COVID-19