11/04/22: 𝗥𝗲𝗽𝗼𝗿𝘁𝗶𝗻𝗴 𝗼𝗳 𝗖𝗢𝗩𝗜𝗗-𝟭𝟵 𝗦𝗲𝗹𝗳-𝘁𝗲𝘀𝘁 𝗥𝗲𝘀𝘂𝗹𝘁-MoH
As the general public are increasingly able to access the COVID-19 self-test kits, the Ministry of Health after thorough assessment have provided the policy clearance to allow the use of self-test kits in the country.Therefore, the Ministry of Health would like to request individuals who test positive on the self-test kits to report the results to 1010 for registration and for monitoring by our clinical teams. Registering with 1010 will enable us to facilitate immediate follow-up for vulnerable groups and it will also help us monitor Long COVID conditions.The 1010 hotline will remain functional from 9:00 am to 8:00 pm from Monday to Sunday.
རང་གིས་རང་ལུ་ ཀོ་ཝིཌ་-༡༩ བརྟག་དཔྱད་འབད་བའི་གྲུབ་འབྲས་སྙན་ཞུ་འབད་ནི། མི་མང་གིས་ རང་གིས་རང་ལུ་ ཀོ་ཝིཌ་-༡༩ བརྟག་དཔྱད་འབད་ནིའི་ཅ་ཆས་ཚུ་འཐོབ་བཞིན་དུ་ཡོདཔ་ལས་ གསོ་བའི་ལྷན་ཁག་གིས་ ཅ་ཆས་ཀྱི་བརྟག་ཞིབ་ཚུ་མཐིལ་ཕྱིན་སྦེ་འབད་བའི་ཤུལ་ལུ་ རྒྱལ་ཁབ་ནང་ ལག་ལེན་འཐབ་ཆོག་པའི་གནང་བ་གནང་སྟེ་ཡོདཔ་ཨིན། དེ་འབདཝ་ལས་ ངོ་རྐྱང་ཚུ་གིས་ རང་གིས་སྦེ་བརྟག་དཔྱད་འབད་བའི་སྐབས་ ནད་གཞི་དེ་ཡོདཔ་སྦེ་བརྟག་དཔྱད་འབྱུང་པ་ཅིན་ གྲུབ་འབྲས་ཚུ་ སྤྱོད་ཁྲལ་དགོངས་ཡངས་ཨང་ ༡༠༡༠ གི་ཐོག་ལུ་ ཐོ་བཀོད་འབད་གནང་ཟེར་ གསོ་བའི་ལྷན་ཁག་གིས་ཞུ་བ་འབདཝ་ཨིནམ་དང་ དེ་སྦེ་ཐོ་བཀོད་འབད་མི་གིས་ ང་བཅས་ཀྱི་སྨན་བཅོས་སྡེ་ཚན་ཚུ་གིས་ སྨན་བཅོས་ཀྱི་དགོས་མཁོ་ཚུ་ ལྟ་རྟོག་འབད་ཚུགས་ནི་ནང་ཕན་ཐོགས་ཡོདཔ་ཨིན། ལྷག་པར་དུ་ བརྒྱུད་འཕྲིན་ཨང་ ༡༠༡༠ ཐོག་ལུ་ཐོ་བཀོད་འབད་མི་དེ་གིས་ ཉེན་ཁ་སྦོམ་ཡོད་པའི་མི་ངོམ་ཚུ་གི་གནས་སྟངས་ཚུ་ འཕྲལ་མགྱོགས་སྦེ་ ལྟ་རྟོག་འབད་ནིའི་ནང་ཕན་ཐོགས་ཡོདཔ་མ་ཚད་ ཡུན་རིང་གི་ཀོ་ཝིཌ་གི་འཕྲོད་ཁམས་ཚུ་ ལྟ་རྟོག་འབད་ནི་ནང་ཡང་ ཕན་ཐོགས་ཡོདཔ་ཨིན། སྤྱོད་ཁྲལ་དགོངས་ཡངས་ཨང་ ༡༠༡༠ གི་ཐོག་ལུ་འབྲེལ་བ་འཐབ་ནིའི་དུས་ཚོད་དེ་ཡང་ རེས་གཟའ་མིག་དམར་ལས་ཟླ་བ་ཚུན་ དྲོ་པ་ཆུ་ཚོད་ ༩ ལས་ ཕྱི་རུ་ཆུ་ཚོད་ ༨ གི་བར་ན་ཨིན།
Related Posts
09/05/22: 𝐏𝐫𝐞𝐬𝐬 𝐑𝐞𝐥𝐞𝐚𝐬𝐞 𝐅𝐮𝐫𝐭𝐡𝐞𝐫 𝐫𝐞𝐥𝐚𝐱𝐚𝐭𝐢𝐨𝐧 𝐨𝐟 𝐂𝐎𝐕𝐈𝐃-𝟏𝟗 𝐦𝐞𝐚𝐬𝐮𝐫𝐞𝐬.
Under the constant guidance of His Majesty The King, our COVID-19 pandemic responses averted aRead More
13/04/22: Regulatory Notification on use on COVID-19 antigen self-test kits-Drug Regulatory Authority
Regulatory Notification on Requirement of Emergency Use Authorization (EUA) for Import, Sale and Distribution ofRead More
08/04/22: Press Release-MoH
The Ministry of Health would like to inform the general public of the demise ofRead More
Comments are Closed