17/03/22: Press Release-MoH

With immense grief, the Ministry of Health would like to update the Nation on two more deaths from COVID-19. An infant (1 month 22 days old baby boy) infected with COVID-19 succumbed to cardiac complications in Phuentsholing hospital during the early hours this morning. The deceased suffered from respiratory distress and was referred to Phuentsholing hospital from Panbari Primary Health Center. A 62 year old female with breast cancer and other underlying medical conditions expired at the Royal Institute of Governance and Strategic Studies (RIGSS) Isolation Facility in Phuentsholing today. The lady who was referred from Samtse Hospital was being managed for an active COVID-19 infection at the RIGSS Isolation Facility.From a total of 20,116 confirmed COVID-19 cases since 5th March 2020, these are the 8th and 9th deaths in the country. The Ministry of Health would like to convey our heartfelt condolences to the bereaved family.
གནས་ཚུལ་གསར་བཏོན། སྤྱི་ཚེས་ ༡༧/༠༣/༢༠༢༢གསོ་བའི་ལྷན་ཁག་གིས་ མྱ་ངན་གྱི་སྒོ་ལས་ རྒྱལ་ཡོངས་ལུ་ ད་རུང་ ཀོ་ཝིཌ་-༡༩ ལས་བརྟེན་ མི་ངོ་ ༢ ཚེ་ལས་འདས་ཡོད་པའི་ གནས་ཚུལ་གསར་བཏོན་འབདཝ་ཨིན། ད་ཅི་དྲོ་པ་ ཕུན་ཚོགས་གླིང་ལུ་སྦེ་ ཨ་ལུ་རྨས་སྐྱེས་ ཟླཝ་ ༡ དང་ ཞག་ ༢༢ ལང་ཡོད་མི་བུཚ་གཅིག་ ཀོ་ཝིཌ་-༡༩ ཐོབ་མི་ལས་བརྟེན་ དོན་ཧིང་དང་འབྲེལ་བའི་དཀའ་ངལ་ཐོན་ཏེ་ ཚེ་ལས་འདས་ཡོདཔ་ཨིན། ཚེ་འདས་འདི་ དབུགས་གཏོང་ལེན་གྱི་དཀའ་ངལ་ཐོན་པའི་ཤུལ་ལུ་ པཱན་སྦ་རི་གཞི་རིམ་གསོ་བའི་ལྟེ་བ་ནང་ལས་ ཕུན་ཚོགས་གླིང་སྨན་ཁང་ནང་བཏང་ཡོདཔ་ཨིན། སྐྱེས་ལོ་ ༦༢ འབད་མི་ ཨམ་སྲུ་གཅིག་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་གི་ཟུར་བཞག་ལྟེ་བ་ནང་སྦེ་ ཚེ་ལས་འདས་ཡོདཔ་དང་ ཨམ་སྲུ་འདི་ལུ་ ཨོམ་གྱི་ཀེན་སར་དང་ གཟུགས་ཁར་ནད་གཞི་གཞན་ཡང་ཡོདཔ་སྦེ་ཨིན་པས། ཚེ་འདས་འདི་ བསམ་རྩེ་སྨན་ཁང་ནང་ལས་བཏང་ཡོདཔ་དང་ ཀོ་ཝིཌ་-༡༩ ཐོབ་ཡོད་མི་ལུ་བརྟེན་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་གི་ཟུར་བཞག་ལྟེ་བ་ནང་སྦེ་འཛིན་སྐྱོང་འཐབ་སྡོད་ཡོདཔ་ཨིན། སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༥ ལས་འགོ་བཙུགས་ ད་ཚུན་འབདཝ་ད་ ཀོ་ཝིཌ་-༡༩ ཐོབ་མི་ཡོངས་བསྡོམས་ ༢༠༡༡༦ ཐོ་བཀོད་འབད་ཡོད་ས་ལས་ ད་རིས་ཀྱི་རྐྱེན་ངན་གཉིསཔོ་དེ་ ཐེངས་ ༨ པ་དང་ ༩ པ་ཨིན། གསོ་བའི་ལྷན་ཁག་དང་ གསོ་བའི་ལས་བྱེདཔ་ཡོངས་ཀྱིས་ མྱ་ངན་ཕོག་སྟེ་ཡོད་མི་བཟའ་ཚང་ཚུ་ལུ་ སེམས་ཀྱི་ཧིང་ལས་ར་མྱ་ངན་གྱི་སེམས་གསོ་ཞུཝ་ཨིན།
Related Posts
09/05/22: 𝐏𝐫𝐞𝐬𝐬 𝐑𝐞𝐥𝐞𝐚𝐬𝐞 𝐅𝐮𝐫𝐭𝐡𝐞𝐫 𝐫𝐞𝐥𝐚𝐱𝐚𝐭𝐢𝐨𝐧 𝐨𝐟 𝐂𝐎𝐕𝐈𝐃-𝟏𝟗 𝐦𝐞𝐚𝐬𝐮𝐫𝐞𝐬.
Under the constant guidance of His Majesty The King, our COVID-19 pandemic responses averted aRead More
13/04/22: Regulatory Notification on use on COVID-19 antigen self-test kits-Drug Regulatory Authority
Regulatory Notification on Requirement of Emergency Use Authorization (EUA) for Import, Sale and Distribution ofRead More
08/04/22: Press Release-MoH
The Ministry of Health would like to inform the general public of the demise ofRead More
Comments are Closed