འབྲུག་ལུ་ཀོ་ཝིཌ་-༡༩།

འཐོབ་མི།

59614

མ་དྲག་མི།

29

དྲག་མི།

59564

ཤི་རྐྱེན།

21

ཀོ་ཝིཌ་-༡༩ དང་འབྲེལ་བའི་བརྡ་དོན་དང་ལམ་སྟོན།


འབྲུག་གི་མི་སེར་ཚུ་ ནད་ཡམས་ཀོ་ཝིཊ་-༡༩ (ཀོ་རོ་ན་ཝའི་རཱས) ལས་ ཉེན་སྲུང་འབད་ནིའི་དོན་ལུ་ འབྲུག་རྒྱལ་གཞུང་གིས་ དགོས་མཁོའི་ཐབས་ལམ་ཚུ་ ག་དེ་དྲག་དྲག་སྒྲིག་དོ། དུས་ཚོད་དེ་བཟུམ་ཅིག་ནང་ མི་སེར་གྱི་མཐའ་དོན་ཁོ་ན་ལུ་གཟིགས་མི་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ ང་བཅས་མི་སེར་གྱིས་ བློ་གཏད་དང་ཡིད་ཆེས་སྦོམ་སྦེ་བསྐྱེད་དེ་ ང་བཅས་རའི་རྒྱལ་ཁབ་ནང་ ནད་འབུཔ་འདི་ དར་ཁྱབ་འགྱོ་ནི་ལས་བཀག་ཐབས་ཀྱི་དོན་ལུ་ ག་ར་གཅིག་མཐུན་སྦེ་གནས་ཞིནམ་ལས་ གཅིག་གིས་གཅིག་ལུ་རྒྱབ་སྐྱོར་འབད་དགོ། ང་བཅས་ཀྱིས་ འབྲུག་པའི་མི་སེར་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ གཞུང་ལས་བརྡ་དོན་བདེན་པ་ཚུ་ དུས་ཚོད་ཁར་ འཐོབ་ཚུགསཔ་ངེས་བདེན་བཟོ་དགོཔ་ཨིན།

གནས་ཚུལ་དུས་མཐུན།

༣༠།༠༡།༢༢། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༢༧།༠༡།༢༢། མི་མང་གསལ་བསྒྲགས།

༢༤།༠༡།༢༢། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༢༤།༠༡།༢༢། ཐོགས་ལུས་མི་ འགྲུལ་པ་ཚུ་དང་འབྲེལ་བའི་ གསལ་བསྒྲགས།

༢༣།༠༡།༢༢། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༢༢།༠༡།༢༢། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༢༡།༠༡།༢༢།ནད་ཡམས་ཀྱི་གནས་རིམ།

༢༡/༠༡/༢༢/རྒྱལ་ཁབ་ནང་ ནད་ཡམས་ཀྱི་གནས་སྟངས་ ཚོས་གཞི་དམརཔོ་དང་ ཚོས་གཞི་སེརཔོ་གི་ ས་ཁོངས་ཚུ་ནང་ འགྲུལ་བཀག་ཕར་འགྱངས།

༡༩/༠༡/༢༢/རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན།

༢༡/༠༢/༢༡ ལུ། ཀོ་ཝིཌ་- ༡༩ གི་རྒྱལ་ཡོངས་གནས་སྟངས་དུས་མཐུན། གསོ་བའི་ལྷན་ཁག།

༡༥/༠༢/༢༡ ལུ། ཀོ་ཝིཌ་- ༡༩ གི་རྒྱལ་ཡོངས་གནས་སྟངས་དུས་མཐུན། གསོ་བའི་ལྷན་ཁག།

༠༦/༠༢/༢༡ ལུ། ཀོ་ཝིཌ་- ༡༩ གི་རྒྱལ་ཡོངས་གནས་སྟངས་དུས་མཐུན། གསོ་བའི་ལྷན་ཁག།

༠༥/༠༢/༢༡ ལུ། ཀོ་ཝིཌ་- ༡༩ གི་རྒྱལ་ཡོངས་གནས་སྟངས་དུས་མཐུན། གསོ་བའི་ལྷན་ཁག།

༠༣/༠༢/༢༡ ལུ། ཀོ་ཝིཌ་- ༡༩ གི་རྒྱལ་ཡོངས་གནས་སྟངས་དུས་མཐུན། གསོ་བའི་ལྷན་ཁག།

༠༢/༠༢/༢༡ ལུ། ཀོ་ཝིཌ་- ༡༩ གི་རྒྱལ་ཡོངས་གནས་སྟངས་དུས་མཐུན། གསོ་བའི་ལྷན་ཁག།

ག་ར་ལྷག།

མི་དམངས་ཀྱི་དོན་ལུ།

༢༢/༠༢/༢༢། གནས་ཚུལ་གསར་བཏོན།སྤྱི་ཚེས་ ༢༢/༠༢/༢༠༢༢

༣༠།༠༡།༢༢། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༢༧།༠༡།༢༢། མི་མང་གསལ་བསྒྲགས།

༢༤།༠༡།༢༢། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༢༤།༠༡།༢༢། ཐོགས་ལུས་མི་ འགྲུལ་པ་ཚུ་དང་འབྲེལ་བའི་ གསལ་བསྒྲགས།

༢༣།༠༡།༢༢། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༢༢།༠༡།༢༢། རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༢༢།༠༡།༢༢། མི་མང་གསོལ་འདེབས། གསོ་བའི་ལྷན་ཁག་

༢༡།༠༡།༢༢།ནད་ཡམས་ཀྱི་གནས་རིམ།

༢༡/༠༡/༢༢/རྒྱལ་ཁབ་ནང་ ནད་ཡམས་ཀྱི་གནས་སྟངས་ ཚོས་གཞི་དམརཔོ་དང་ ཚོས་གཞི་སེརཔོ་གི་ ས་ཁོངས་ཚུ་ནང་ འགྲུལ་བཀག་ཕར་འགྱངས།

༢༡/༠༡/༢༢/མི་མང་ གསོལ་འདེབས།-གསོ་བའི་ལྷན་ཁག|

༢༠/༠༡/༢༢/རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན་བཅུད་བསྡུས།

༡༩/༠༡/༢༢/རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དུས་མཐུན།

༡༨/༠༡/༢༢་ལུ། ས་ས་དང་ ཁུ་རུ་ཐང་ བ་འཇོ་ཁྲོམ་ཚུ་ནང་ འགྲོ་འགྲུལ་བཀག་དམ་ སྒྲིང་སྒྲི་འབད་ཡོདཔ།

༡༦།༠༡།༢༢་ལུ། རྫོང་ཁག་༡༤ ག་ར་ ས་ཁོངས་ལམ་ལུགས་དང་འཁྲིལ་ སྒོ་ཕྱེ་ཡོདཔ།

ག་ར་ལྷག།

གདོང་ཤོག། ཀོ་ཝིཌ་-༡༩ དང་འབྲེལ་བའི་བརྡ་དོན།

བརྒྱུད་འཕྲིན་ཨང་གྲངས་གལ་ཅན།


གལ་ཅན་གྱི་བརྡ་དོན།


འབྲུག་རྒྱལ་པོའི་གསུང་བཤད།

རྒྱལ་ཡུམ་སངྱས་ཆོས་སྒྲོན་དབང་ཕྱུག

མི་རྗེ་བློན་ཆེན་གྱི་གསུང་བཤད།

མཉམ་རུབ་ཀྱི་ཐོག་ལས་ ཀོ་ཝིཌ་-༡༩ ཐལ་བར་བརླག་ཚུགས།


Druk Trace རིམ་ལུགས་ཀྱི་ཕན་པ།

 ང་བཅས་ཀྱི་འགན་ཁུར།

ཨོ་མི་ཀོ་རཱོན་གྱི་སྐོར།

བདེན་རྫུན་དོགས་སེལ།


མ་བདེན་པའི་གཏམ་ལུ་མ་ཉན།

དྲིས་ལན།


ཀོ་ཝིཌ་༡༩ དང་འབྲེལ་བའི་དྲི་བ་དྲིས་ལན།

མ་བདེན་པའི་གཏམ་སྤེལ་མ་གནང་།


ཁག་ཆེ་བའི་དུས་ཚོད་དང་ ཡང་ན་ གཞན་ག་ཅིའི་ཐད་ཁར་འབད་རུང་ མི་ངོ་ཅིག་གིས་ བདེན་པ་མེད་པའི་བརྡ་འཕྲིན་དང་། ཡང་ན་གོ་དོན་བརྡ་ལོག་གི་བརྡ་འཕྲིན་ཚུ་ ཁྱབ་སྤེལ་འབད་བ་ཅིན་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་བཅའ་ཁྲིམས་ ༢༠༡༨ ཅན་མ་ནང་ ཉེས་སྤྱོད་ཀྱི་གྲངས་སུ་ཚུདཔ་ཨིནམ་ལས་ དེ་ལུ་ཉེས་འཛུགས་བསྐྱལ་དགོ། མི་དམངས་སྤྱིར་བཏང་ལུ་ གནས་ཚུལ་རྫུས་མ་ཚུ་ག་ཅི་ར་ཨིན་རུང་ ཁྱབ་སྤེལ་མ་འབད་ཟེར་ བསླབ་བྱ་བྱིནམ་ཨིན།

ཁག་ཆེ་བའི་ཡོངས་འབྲེལ་འཆར་སྒོ།


Information on COVID-19

བུམ་ཐང་རྫོང་ཁག་གི་ཐད་ཀར་ཨང་གྲངས།

ཨང།  དགོས་དོན་/རྒེད་འོག།  ཐད་ཀར་ཨང།
1 1387
5 སྨན་ཁང། བུམ་ཐང། 1345

ཆུ་ཁ་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན། ཐད་ཀར་ཨང།
1 ཀོ་ཝཌ་-༡༩འི་ལས་བྱེད་ཚོགས་ཆུང། ཕུན་ཚོགས་གླིང། 5555
4 འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག། ཕུན་ཚོགས་གླིང། 1184

དར་དཀར་ན་རྫོང་ཁག་གི་ཐད་དཀར་ཨང།

ཨང།  དགོས་དོན།  བརྒྱུད་འཕྲིན་ཨང།
1 ཀོ་ཝིཌ་-༡༩། དར་དཀར་ན་རྫོང་ཁག། 3133
2 དར་དཀར་དཔལ་ལ་སྨན་ཁང། 2067
3 ལྷ་མོའི་རྫིང་ཁ་དྲུང་ཁག། 1178

མགར་ས་རྫོང་ཁག་གི་ཐད་ཀར་ཨང།

ཨང། དགོས་དོན།  ཐད་དཀར་ཨང།
1 ཀོ་ཝིཌ་-༡༩། མགར་ས། 1181

ཧཱ་རྫོང་ཁག་གི་ཐད་ཀར་ཨང།

ཨང།.  དགོས་དོན།  ཐད་ཀར་ཨང།
1 ཀོ་ཝིཊ་-༡༩། ཧཱ་སྨན་ཁང་། 1008
2 རྫོང་ཁག་བདག་སྐྱོང་། ཧཱ། 1007

ལྷུན་རྩེ་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།/རྒེད་འོག།  ཐད་ཀར་ཨང།
1 ཀོ་ཝིཌ་-༡༩། ལྷུན་རྩེ་རྫོང་ཁག། 1225, 1226

མོང་སྒར་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།/རྒེད་འོག། ཐད་ཀར་ཨང།
1 མོང་སྒར། ཀོ་ཝིཊ་ ༡༩ ། 1239
2 མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་། མོང་སྒར་སྨན་ཁང་། 1252

སྤ་རོ་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།  ཐད་ཀར་ཨང།
1 ཀོ་ཝིཌ་-༡༩འི་ ལས་བྱེད་ཚོགས་ཆུང། སྤ་རོ། 1060
2 སྤ་རོ་སྨན་ཁང་། ཀོ་ཝིཊ་ ༡༩ ། 2000
3 སྤ་རོ་སྨན་ཁང་། ཨོ་ལ་ཐང་། 1382

སྤུ་ན་ཁ་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།  ཨང།
1 གློ་འབུར་ལག་ལེན་ལྟེ་བ། ཀོ་ཝིཊ་ ༡༩ ། སྤུ་ན་ཁ། 1233
2 ཀོ་ཝིཊ་ ༡༩ ། སྤུ་ན་ཁ་སྨན་ཁང་། 1240,7072

པདྨ་དགའ་ཚལ་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།/རྒེད་འོག།  ཐད་ཀར་ཨང།
1 པདྨ་དགའ་ཚལ་རྫོང་ཁག། གསོ་བའི་ལས་ཚན། ཀོ་ཝིཊ་ ༡༩ ། 1241
2 ངང་ལམ་དྲུང་ཁག། 1195
3 ངང་ལམ་སྨན་ཁང། 1066

བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།/རྒེད་འོག།  ཐད་ཀར་ཨང།
1 ཤར་ཕྱོགས་ཀྱི་ཀོ་ཝིཊ་ ༡༩ འགོ་འདྲེན་ཡིག་ཚང་། བདེ་བ་ཐང་། 4141
2 ཀོ་ཝིཊ་ ༡༩ གི་དོན་ལུ་བསམ་གྲུབ་ལྗོངས་མཁར་རྫོང་ཁག། 1192
2 བསམ་གྲུབ་ལྗོངས་མཁར་སྨན་ཁང། 1193
2 ངང་ལམ་དྲུང་ཁག། 1195
3 ཇོ་མོ་གཙང་ཁ་དྲུང་ཁག། ཀོ་ཝིཊ་ ༡༩ ། 1210
4 བང་ཀྲར། ཀོ་ཝིཊ་ ༡༩ ། 1191
12 མར་ཚྭ་ལ། 1370
13 པདྨ་ཐང་། 1372
14 བསམ་རང་། 1373
15 ཕུན་ཚོགས་ཐང་། 1377

བསམ་རྩེ་རྫོང་ཁག་གི་ཐད་ཀར་ཨང།

ཨང། དགོས་དོན།  ཐད་ཀར་ཨང།
1 ཀོ་ཝིཊ་ ༡༩ གི་ལས་བྱེད་ཚོགས་ཆུང་། བསམ་རྩེ། 1077
2 བསམ་རྩེ་སྨན་ཁང་། 1182
3 སྒོམ་ཀྲུ། སྨན་ཁང་། 1165
4 དགོས་མཁོ། བསམ་རྩེ། 1189

གསར་སྤང་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།  ཐད་ཀར་ཨང།
1 ལས་བྱེད་ཚོགས་ཆུང། གསར་སྤང། ༢༠༧༢
1 གསོ་བའི་ཞབས་ཏོག་ལྟེ་བ། དགེ་ལེགས་ཕུག། 1006

ཐིམ་ཕུག་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།  ཐད་ཀར་ཨང།
1 དགོས་མཁོའི་ཅ་ཆས་མཁོ་མངག། ཐིམ་ཕུག་ཁྲོམ་སྡེ། 1009
2 PAY SAP, Thimphu 1218

ཀྲོང་གསར་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།  ཐད་ཀར་ཨངས།

རྩི་རང་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།  ཐད་ཀར་ཨང།
1 རྩི་རང་རྫོང་ཁག། / ཀོ་ཝིཊ་ ༡༩ གི་དོན་ལུ་ འགྲམ་ཕུག་སྨན་ཁང་། 1220, 1221

བཀྲིས་གཡང་རྩེ།

ཨང།  དགོས་དོན།/རྒེད་འོག། ཐད་ཀར་ཨང།
1 ཀོ་ཝིཌ་-༡༩། བཀྲིས་གཡང་རྩེ། 1247
2 འབུམ་སྡེ་གླིང། 1359
3 འཇམ་མཁར 1360
4 ཁམས་དྭངས། 1361
5 རམ་སྦྱར། 1362
6 སྟོད་ཚོ། 1363
7 ཡང་ལངས། 1364
8 སྟོང་ཞང། 1365
8 གཡང་རྩེ། 1366

བཀྲ་ཤིས་སྒང་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།/རྒེད་འོག།  ཐད་ཀར་ཨང།
1 ཀོ་ཝིཊ་ ༡༩ གི་དོན་ལུ་བཀྲ་ཤིས་སྒང་རྫོང་ཁག། 1198
2 བཀྲི་སྒང་སྨན་ཁང། 7077

དབང་འདུས་ཕོ་བྲང་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།/རྒེད་འོག།  ཐད་ཀར་ཨང།
1 དབང་འདུས་རྫོང་ཁག། ཀོ་ཝིཊ་ ༡༩ ། 1196, 1197
2 སྨན་སྤྲོད་ལེན་ཞབས་ཏོག། 1172
3 ཨམ་སྲུ་དང་ཨ་ལུའི་ཞབས་ཏོག། 1173
4 སྤྱི་བཏང་གསོ་བའི་ཞབས་ཏོག། 1174
4 གཡུང་གསར་སྨན་ཁང། སྒང་སྟེང་དང་ཕོབ་སྦྱིས་ཁ། 2187

གཞལམ་སྒང་རྫོང་ཁག་གི་ཐད་ཀར་ཨང།

ཨང།  དགོས་དོན།  ཐད་ཀར་ཨང།
1 གཞལམ་སྒང་། ཀོ་ཝིཊ་ ༡༩ ། 2065
2 སྤན་སྦང་། ཀོ་ཝིཊ་ ༡༩ ། 2066

མ་བདེན་པའི་གཏམ།
ས་གི་འོག་ལས་རྡོ་སོལ་བརྐོ་ཞིནམ་ལས་ ཁྱོད་རའི་དཔྱལཝ་གུ་དབུར་བ་ཅིན་ཀོ་རོ་ན་ནད་གཞི་བཀག་ཚུགས།
བདེན་གཏམ།
ས་གི་འོག་ལས་ རྡོ་སོལ་བརྐོ་ཞིནམ་ལས་ དཔྱལཝ་གུ་དབུར་བ་ཅིན་ ཁྱོད་དང་གཞན་ག་འབད་རུང་ཀོ་རོ་ན་ནད་གཞི་འཐོབ་ནི་ལས་བཀག་མི་ཚུགས།

མ་བདེན་པའི་གཏམ།
འཕྲལ་འཕྲལ་རང་ཆང་འཐུང་ནི་དང་ ཡང་ཅིན་་ ཆང་མངམ་སྦེ་འཐུང་བ་ཅིན་ ཀོ་རོ་ནའི་ནད་འབུབ་འདི་བསད་ཚུགས་ནི་དང་ ཀོ་རོ་ན་ཝའིི་རཱས་ལས་བཀག་ཚུགས།
བདེན་གཏམ།
ཆང་འཐུང་ནི་གིས་ ནད་གཞི་ཀོ་རོ་ན་ཝའི་རཱས་ལས་བཀག་མི་ཚུགས་པའི་ཁར་ ཆང་འཐུང་ནི་དེ་གིས་ རང་གི་འཕྲོད་བསྟེན་ལུ་གནོད་པ་ཡོདཔ་ཨིན།

མ་བདེན་པའི་གཏམ།
ཟུར་བརྟག་བྱ་རིམ་དེ་ཚུ་ འོས་འབབ་ལྡན་ཏོག་ཏོ་མིན་འདུག། ཕྱུགཔོ་དང་དབང་ཚད་ཅན་གྱི་མི་ཚུ་ ཟུར་བརྟག་གི་བྱ་རིམ་དང་འཁྲིལ་མ་དགོཔ་སྦེ་ཨིན་མས།
བདེན་གཏམ།
སྤྱི་ཚེས་ ༢༣/༠༣/༢༠༢༠ ལས་འགོ་བཙུགས་སྟེ་ འབྲུག་མི་ ཕྱི་རྒྱལ་ལས་ལོག་འོང་མི་ག་ར་ རྒྱུ་ནོར་དང་སྟོབས་གོ་སའི་ཁྱད་པར་མེད་པར་ ཟུར་བརྟག་ས་ཁོངས་ནང་ལུ་ ངེས་པར་དུ་སྡོད་དགོཔ་ཨིན་། དེ་འབདཝ་ད་ ཕྱི་རྒྱལ་ལས་ སྨན་བཅོས་འབད་དེ་ ཡང་ཅིན་ ཨ་ལོ་སྐྱེས་ཞིནམ་ལས་ ལོག་འོང་མི་ཚུ་ ཟུར་བརྟག་ས་ཁོངས་ནང་སྡོད་མ་དགོཔ་ཨིན་རུང་ རང་གི་ཁྱིམ་ནང་ཟུར་བརྟག་འབདདེ་་སྡོད་དགོཔ་ཨིན། རང་གི་ཁྱིམ་དང་ ཟུར་བརྟག་ས་ཁོངས་གཉིས་ཆ་ར་ནང་ ཟུར་བརྟག་གི་ དུས་ཡུན་འདི་ ཉིན་གྲངས་ ༢༡ ཨིན།

དྲི་བ། སྨན་ཁང་ནང་ དུས་རྒྱུན་གྱི་ བརྟག་ཞིབ་ཀྱི་དོན་ལུ་ འགྱོ་ཆོག་ག? ༼དཔེར་ན་ ཨ་ལུ་སྐྱེ་ནི་ཡོད་པའི་ཨམ་སྲུ་དང་ གུ་རམ་གྱི་ནད་ ཁྲག་ཤུགས་ཀྱི་ནད་གཞི་ཚུ་གི་དུས་རྒྱུན་བརྟག་ཞིབ་ ཡང་ཅིན་ དུས་སྟབས་བཟོ་ནི་ལ་སོགས་པ་ཚུ།༽
ལནཿ དུས་རྒྱུན་གྱི་བརྟག་ཞིབ་དང་སྨན་བཅོས་ཀྱི་དོན་ལུ་ སྨན་ཁང་ནང་འགྱོ་ནི་འདི་བཀག་ཆ་མེདཔ་ཨིན། ཨིན་རུང་ མི་མང་གིས་དུས་རྒྱུན་འཕྲོད་བསྟེན་གཙོ་བོར་བསྟེན༌དགོཔ༌གལ༌ཆེ།

དྲི་བ། ཀོ་རོ་ན་ཝའི་རཱས་གི་ནད་འབུཔ་ཐོབ་ཡོད་མིའི་མི་གི་རྟགས་མཚན་ག་ཅི་ར་སྨོ?
ལནཿ ཀོ་རོ་ན་ཝའི་རཱས་ཐོབ་ཡོད་མི་གིས་ མང་ཤོས་ར་ སྤྱིར་བཏང་ཚ་རིམས་བཟུམ་གྱི་རྟགས་མཚན་གྱང་ཤུགས་རྐྱབ་ནི་དང་ གློ་འཁོག་ནི་ དེ་ལས་དབུགས་གཏོང་ལེན་ཐུང་ཀུ་སྦེ་ལེན་ནི་ཚུ་ཨིན།

དྲི་བ། ང་ར་ འབྲུག་རྒྱལ་ཁབ་ནང་འཁོད་ འགྲོ་འགྲུལ་འབད་བར་ཁྱད་མེད་ག?
ལནཿ འབྲུག་མི་ཚུ་ལུ་ རྒྱལ་ཁབ་ནང་འཁོད་ འགྲོ་འགྲུལ་འབད་ནི་འདི་ བཀག་ཆ་མེད་རུང་ མི་རེ་རེ་བཞིན་གྱིས་་དུས་རྒྱུན་འཕྲོད་བསྟེན་གཙོ་བོར་བསྟེན༌དགོཔ༌འདི་གལ༌ཆེ།
ཀོ་ཝིཊ-༡༩ (COVID-19) དང་འབྲེལ་བའི་དོགས་སེལ་ ག་ཅི་ར་ཡོད་རུང་ དམིགས་བསལ་བརྒྱུད་འཕྲིན་ཨང་ ༢༡༢༡ ནང་འབྲེལ་བ་འཐབ་གནང་།

དྲི་བ། ཀོ་རོ་ན་ཝའི་རཱས་གི་ནད་འབུབ་ཐོབ་ཡོད་པའི་མི་གི་རྟགས་མཚན་ག་ཅི་རང་སྨོ?
ལནཿ ཀོ་རོ་ན་ཝའི་རཱས་ཐོབ་ཡོད་པའི་མི་གིས་ མང་ཤོས་ཅིག་རང་ སྤྱིར་བཏང་ཚ་རིམས་བཟུམ་གྱི་རྟགས་མཚན་གྱང་ཤུམ་བརྐྱབ་ནི་དང་ གློ་འཁོག་ནི་ དེ་ལས་དབུགས་གཏོང་ལེན་འཐུང་འཐུང་སྦེ་ལེན་ནི་ཚུ་ཨིན།

དྲི་བ། ལག་བཤལ་སྨན་རྫས་འདི་ འཐུང་བཏུབ་ག?
ཉེན་བརྡ།
ལནཿ ལག་བཤལ་སྨན་རྫས་འདི་ ཕྱིའི་གཟུགས་ཀྱི་ཆ་ཤས་ལུ་ལག་ལེན་རྐྱངམ་ཅིག་མ་གཏོགས་ འཐུང་ནིའི་དོན་ལུ་མེན། ལག་བཤལ་སྨན་རྫས་འཐུང་པ་ཅིན་ རང་གི་འཕྲོད་བསྟེན་ལུ་གནོད་ཉེན་ཆེ། བརྡ་དོན་ཁ་གསལ་གྱི་དོན་ལུ་ དམིགས་བསལ་བརྒྱུད་འཕྲིན་ཨང་ ༢༡༢༡ ནང་འབྲེལ་བ་འཐབ་གནང་།
རང་རྐྱང་ཟུར་བརྟག།

དྲི་བ། རང་རྐྱང་ཟུར་བརྟག་འདི་ ག་ཅི་སྨོ?
ལནཿ རང་རྐྱང་ཟུར་བརྟག་ཟེར་མི་འདི་ ལཱ་རིགས་ཚུ་བཀག་དམ་འབད་ནི་ ཡང་ན་ མ་ན་མི་གཅིག་ཨིན་རུང་ འབུ་ཉེན་ཅན་གྱི་ནད་གཞི་དང་ གནས་སྟངས་དང་འབྲེལ་བ་ཡོདཔ་སྦེ་འཐོན་སོང་པ་ཅིན་ སོ་ས་སྦེ་བཞག་དགོ། ཟུར་བརྟག་གི་དུས་ཡུན་འདི་ཡང་ ཉིན་གྲངས་ ༡༤ ཨིན།

དྲི་བ། ཀོ་རོ་ན་ཝའི་རཱས་ཁྱབ་སྤེལ་འགྱོ་ཡོད་པའི་རྒྱལ་ཁབ་ཚུ་ནང་ལས་ཕར་ འགྲོ་འགྲུལ་འབད་ཡོདཔ་དང་ ནད་རྟགས་ག་ཅི་ཡང་མེད་རུང་ ཟུར་བརྟག་འབད་དགོ་ག?
ལནཿ ནད་རྟགས་ག་ཅི་ཡང་མེད་རུང་ ཀོ་རོ་ན་ཝའི་རཱས་ཁྱབ་སྤེལ་འགྱོ་ཡོད་པའི་རྒྱལ་ཁབ་ཚུ་ནང་ལས་ཕར་ཉིན་གྲངས་ ༡༤ གི་ཧེ་མ་འགྲོ་འགྲུལ་འབད་ཡོད་པ་ཅིན་ ཟུར་བརྟག་འབད་དགོ།

དྲི་བ། ཀོ་རོ་ན་ཝའི་རཱས་ཁྱབ་སྤེལ་འགྱོ་ཡོད་པའི་ ས་གནས་ཐིམ་ཕུག་དང་ སྤུ་ན་ཁ་ སྤ་རོ་ཚུ་ནང་ལས་ཕར་འགྲོ་འགྲུལ་འབད་ཡོད་པ་ཅིན་ ཟུར་བརྟག་འབད་དགོ་ག?
ལེནཿ ཟུར་བརྟག་འབད་མི་དགོ།

དྲི་བ། གཙུག་སྡེ་དང་མི་སྡེའི་འགོ་འཁྲིདཔ་ཚུ་གིས་མི་ཚུ་ཟུར་བརྟག་འབད་ཆོག་ག་ ཡང་ཅིན་ གསོ་བའི་ལས་བྱེདཔ་ཚུ་ལས་བསླབ་སྟོན་དགོཔ་སྨོ?
ལནཿ ངོས་ལེན་ཡོད་པའི་གསོ་བའི་ལས་བྱེདཔ་ལས་བསླབ་སྟོན་ལེན་དགོ།

དྲི་བ། ནད་གཞི་འཐོབ་ནི་ལུ་ ཉེན་ཁ་ཆེ་ཤོས་ར་ ག་སྨོ?
ལནཿ ལོ་ན་རྒས་མི་དང་ གཞན་ནད་གཞི་ཡོད་མི་ དཔྱེ་འབད་བ་ཅིན་ གུ་རམ་དང་ དོན་ཧིང་གི་ནད་གཞི་ཡོད་མི་ཚུ་ལུ་ གནོད་ཉེན་ཆེཝ་ཨིན། ནད་འབུཔ་འདི་ གནས་སྟངས་རེ་རེ་གཉིས་ཀྱི་ནང་ལུ་ ཉེན་འཚུབ་ཅན་སྦེ་འོང་ནི་དང་ ད་ལྟོའི་གནས་སྟངས་བཟུམ་ཅིག་ནང་འབད་བ་ཅིན་ སྔོན་མ་ལས་ནད་གཞི་གིས་ཟུན་ཏེ་ཡོད་མི་ལོ་ན་རྒས་ཤོས་ཚུ་ལུ་ མངམ་སྦེ་བྱུང་སྟེ་ཡོདཔ་ཨིན།

དྲི་བ། ལག་བཤལ་སྨན་རྫས་འདི་དབུར་ཞིནམ་ལས་ ལགཔ་མེ་གི་འཚིག་ནིའི་ཉེན་ཁ་ཡོད་ག?
ལནཿ ལག་བཤལ་སྨན་རྫས་ནང་ལུ་ཡོད་པའི་ཆང་བཅུད་འདི་ལགཔ་ལུ་དབུར་ཚརཝ་ཅིག་ ཡལ་འགྱོཝ་ལས་ མེ་ཟུན་ནི་གི་ཉེན་ཁ་མེད།

དྲི་བ། ཀོ་རོ་ན་ནད་གཞི་འདི་ རླུང་ཐོག་སྤེལ་བའི་ནད་གཞི་ཨིན་ན?
ལནཿ ཀོ་རོ་ན་ནད་གཞི་འདི་ དབུགས་གཏོང་ལེན་སྐབས་ཀྱི་ཐིགས་པ་ཚུ་ལས་ ཁྱབ་ཆེ་དྲགས་སྦེ་སྤེལཝ་ཨིན་རུང་ ཐིགས་པ་ཚུ་སྦོམ་སུ་ཅིག་འབདཝ་ལས་ བར་སྣང་ལུ་ཡུན་རིངམ་སྦེ་གནས་མ་ཚུགསཔ་ལས་ ག་ར་གིས་ ལགཔ་དང་དབུགས་གཏོང་ལེན་དང་འབྲེལ་བའི་ འཕྲོད་བསྟེན་གཙོ་བོ་བསྟེན་གནང་ཟེར་ཞུཝ་ཨིན།